枕着地球的亮星丨丹珠昂奔(8)
མེ་ཏོག་གངས་ལྷ་རྐང་གཅིག་ཡིན་ན་བསམ་བྱུང་།
མི་རྣམས་དང་ཐོག་སྤང་ཐང་འདི་རུ་ཐོན་དུས།
གངས་རིར་ཕྱོགས་ཏེ་དྲི་བ་འདི་ལྟར།
འདི་ནི་ས་ལ་བབས་པའི་སྤྲིན་དཀར་ཚོམ་བུའམ།
ཡང་ན། སྔོ་ལྗང་སྤང་ལ་རྣམ་པར་ལྡེམ་པའི་ངང་བ་དཀར་པོ་རེད།
འདི་ནི་དགུང་སྔོན་དབྱིངས་ནས་ལྡིང་བའི་ཁྱུང་ཆེན་ནམ།
ཡང་ན། མཚོ་མོའི་འཇིངས་སུ་བསྐྱོད་པའི་གྲུ་གཡོར་དཀར་པོ་རེད།
ཨེ་མ། དེ་ནི་ས་ཆེན་པོ་སྔས་སུ་བཏིངས་བའི་སྐར་ཆེན་རེད་དམ།
རེད་ལགས། དེ་ནི་གཞི་ནས་ས་ཆེན་པོ་སྔས་སུ་བཏིངས་བའི་སྐར་ཆེན་ཞིག
ང་ཡི་ཡུམ་ཆེན་ལགས།
ལྷུན་ཆགས་ཀྱི་གངས་རི།
མཚན་མོར། སྐྱེ་འགྲོ་ཀུན་གྱི་རྨོངས་བའི་མུན་པ་སེལ་ཅིང་།
ཉིན་མོར། ས་ཆེན་འདི་ནས་བདེ་བར་གཟིམ་ངེས་ཡིན།