枕着地球的亮星丨丹珠昂奔(5)
དགོང་ཀར། འོད་ཀྱི་ཆུན་པོར་སྤྲུལ་ཏེ།
ཞིམ་མངར་གྱི་སྦྲང་རྩི་ཐ་དག་མི་ཡུལ་དུ་ལེགས་པར་སྤྱིན།
རྫོགས་པར་གྱུར་ཚེ། མཚན་ལྗོངས་སུ།
ལྷོ་ཕྱོགས་ནི་སྤྲིན་ཕུང་དང་བྱང་ཕྱོགས་ཀྱང་སྤྲིན་ཕུང་ཡིན་པས།
ཀྱེ་མ། བདག་གི་གངས་རི་ལགས།
ཁྱེད་ཉིད་ཕྱོགས་གང་དུ་བཞུགས་སུ་སྲོལ་ཡོད།
ཁྱེད་ཉིད་ལང་ལིང་འཁྲིགས་པའི་སྤྲིན་ནག་གིས་བདག་གིར་བྱས་ཚེ།
ང་ལ་དབང་བ་ནི་ཚེ་གཙིག་གི་དྲན་གདུང་མ་ཡིན་ནམ།
ཁྱེད་ཉིད་གློག་དམར་གྱི་ཆོ་འཕྲུལ་ལས་རྡུལ་དུ་བརླག་ཚེ།
ང་ལ་བསྐྱུར་བ་ནི་གས་ཆག་ཤོར་བའི་རྫ་ལེབ་ཞིག་མ་ཡིན་ནམ།
ཁྱེད་ཉིད་དྲག་རླུང་གིས་ཕྱོགས་སུ་ཁྱེར་ཚེ།
ང་ལ་བཞག་པ་ནི་རྨ་ཤུལ་ཕྲ་མོ་ཙམ་མ་ཡིན་ནམ།
ཡང་གཅིག་བཤད་ན།
ཁྱེད་ཉིད་སྤྲིན་ནག་གིས་འགེམས་ཚེ།
རབ་དཀར་གྱི་བཞིན་མདངས་ཡལ་བ་མ་ཡིན་ནམ།
ཆས་ཟིན། སྤྲིན་པས་དབུགས་རིང་འབྱིན།
ཆས་ཟིན། སྨུག་པས་སྨྲེ་སྔགས་འདོན།
ཚར་དུ་དངར་བའི་གངས་རི་ལགས།
རྣམ་པར་འགྱིངས་ཤིང་། དཔའ་ཉམས་དོད།