第三届藏族谚语演说邀请赛 1(3)
2023-09-15 来源:百合文库
中国电信“天翼杯”第三届藏族谚语演说邀请赛将于7月8日至12日,将通过青海藏语网络广播电视台(祥云网) 、金格桑APP、雪域头条抖音号、雪域头条快手号、青海藏语广播抖音号等五个平台进行全程直播。
མཐོ་བ་ནམ་མཁའི་སྤྲིན་དཀར་གོས་སུ་བཀླུབས་ཤིང་། དམའ་བ་རྩེ་ཆུ་སྔོན་མོ་གདན་དུ་བཏིངས་ཡོད། དབྱར་ཟླ་བདུན་པའི་རྩེ་གཞུང་རྩྭ་ཐང་ནི་མཛེས་སྡུག་གི་དག་ཞིང་ཞིག་ཡིན་ལ། དབྱར་ཟླ་བདུན་པའི་རྩེ་གཞུང་རྩྭ་ཐང་ནི་མེ་ཏོག་གི་ཡུལ་གྲུ་ཞིག་ཡིན། བོད་པའི་ངོ་མཚར་སྲོལ་རྒྱུན་འདི་ན་གཏམས། སྲིད་པའི་གཏམ་གྱི་རྦ་རླབས་འདི་ན་འཕྱོ།
སྤྱི་ཟླ་བདུན་པའི་ཚེས་བདུན་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམས་པ་དང་འགྲན་ཞུགས་པ་ཡོངས་སྲིད་པའི་གཏམ་གྱི་ཕ་ས། རྩེ་གཞུང་སྨན་ལྗོངས་ཕྱུག་མོར་འབྱོར་བ་དང་། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་རོགས་སྐྱོར་འོག་ཐེངས་འདིའི་འགྲན་སྡུར་གྱི་ཚོགས་ར་རྩེ་ཆུ་གྲོང་རྡལ་དུང་དཀར་རྩྭ་ཐང་དུ་གཏན་འཁེལ་བྱས་ལ། འགྲན་ཞུགས་པ་རྣམས་ཡུལ་དངོས་སུ་ཐོན་ནས་འབྱོར་ཐོ་བཀོད། ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པར་བསྡོམས་པས་འགྲན་ཞུགས་པ་བཞི་ཅུ་ལྷག་གིས་འབྱོར་ཐོ་བཀོད་ཡོད་ལ། ཕྱི་དྲོར་འགྲན་ཞུགས་པ་རྣམས་ཀྱིས་འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་འཁེལ་བྱས་པར་མ་ཟད། ཐེངས་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཡོང་ཆེད་དཔྱད་འདེམས་པ་དག་མཉམ་དུ་འཛོམས་ནས་འགྲན་སྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་བསྡུར་བྱས་པ་དང་། ཕབ་སྐྲུན་ཚན་ཆུང་དང་ལས་སྒྲུབ་མི་སྣས་ཡུལ་དངོས་ནས་སང་ཉིན་གྱི་འགྲན་སྡུར་དངོས་ལ་གྲ་སྒྲིག་འཐུས་ཚང་བྱས་ཏེ། གར་སྟེགས་ཇུས་འགོད་དང་། འཁྲབ་ཁྲིད་ལས་རིམ། བརྙན་ཕབ་སྒྲིག་སྦྱོར་སོགས་ཀྱི་ལས་རིམ་མཐའ་དག་ཚགས་སུ་ཆུད་པར་བྱས་ཏེ་འགྲན་སྡུར་སྔོན་གྱི་བྱ་བ་མཐའ་དག་ཡོངས་སུ་ལེགས་པར་གྲུབ།